Pull Quote: The most valuable service is the one rendered to our fellow man.

Ugyen’s Roadmap to WordPress Contributions

འབྲི་རྩོམ་འདི་རྫོང་ཁ་ན་ལུ་ཡ་ཡོདཔ་ཨིན།

Ugyen Dorji is from Bhutan, the landlocked country situated between two giant neighbors, India to the south and China to the north. Ugyen works for ServMask Inc and is responsible for the robust Quality Assurance process for All-in-One WP Migration plugin. He believes in the Buddhist teaching that “the most valuable service is one rendered to our fellow humans” and his work ethic shows with managing WordPress translation projects for his Plugin ’All-in-One WP Migration.’  Ugyen also keeps multi-language support for WordPress; furthermore the plugin is now translated into 42 languages with more on the way.

How Ugyen started his career with WordPress

Life is a struggle – it is a mixture of success and failure which can come in any venture and that too late and sometimes most unexpectedly people lose heart after a failure; but a person who takes failure in his/her stride and continues his effort for success in long run in the word of EL Kerten means “The secret of success is knowing whom to blame for your failure.”

Back in 2016, he had been looking for new working place after his former cloud company got shattered with some financial crisis, he has looked for a new job. For which he has tried his best and one fine day he makes it to an interview – where he has been triggered with WordPress questionnaires. On that moment he has no proper answer for interviewers saying big number to interviewers, though he has basic knowledge about WordPress. After that day, just sat in his room with silence and made up his mind to learn and get skilled himself with WordPress wisdom,  watching cities from his window receiving cool air, and said himself

“I will make my career with WordPress and it will be my bread and butter”.

After a few months, he received a call from ServMask Inc, who developed a great plugin called   “All-in-One WP Migration” which made his dream come true like an angle ServMask Inc blessed his dream to make his living with WordPress. Ugyen is now an active contributor to the WordPress Community.

Ugyen’s First WordCamp Experience

WordCamp is a genuine spotlight for plugin and theme developers to reach WordPress users and website developers. It’s a glorious atmosphere where many incredible talks about WordPress take place. The “tribe” meetings are a phenomenal moment for aspiring computer engineers, content writers and developers to showcase their talent and meet each other.

WordCamp Bangkok 2018 was an essential day for Ugyen and ServMask because their sponsorship of the event delivered them the opportunity to connect with our active WordPress users and showcase their appreciation on better quality of WordPress plugin.

Contributor Day

The first day of WordCamp is Contributor Day. Ugyen associated with a community team and got to share a conversation with WordPress folks from all over the world. Community communication is the ground root of WordCamp and WordPress meetups, giving him all the chance to share and manifest what WordPress does and  how it is used. He also addressed encouraging more speakers and WordPress members to nurture their experience and whereby he could support new organizers to continue and contribute to building the WordPress community in places where it is not yet booming.

Conference Day

Conference Day is the main event of WordCamp and is held on the second day. Ugyen was taking care of a Photo Booth for people to snap their memories. I think this was a great idea to capture the memories of WordCamp for attendees, speakers, and organizers.

The foremost intention of the conference day is the presentations that take place throughout the day. Ugyen had a great moment to attend various talks which were very beneficial for developers, entrepreneurs, firms, and young startups firms. What holds in Ugyen’s mind is a plan that exhibits leveraging website content has been shown to lead to 100% growth in business extension.

How Ugyen became WordPress Meetup Thimphu Co-Organizer

Following October 2016, Ugyen came over about WordPress Meetup Bangkok and WordCamp Bangkok 2018. From that onwards, the importance of WordPress Meetup catches on his mind to introduce WordPress to his home country and cities. The foremost incidence that clicks on his mind was on WordPress Translation Day 3 on September 30, 2017, during WordPress Meetup Bangkok where he has seen his locale Dzongkha was in lowest percentage comparing to another locale status on WordPress Core Translation. Later in WordCamp Bangkok 2018 Contributors day when he met with WordPress Folks and WordPress Community, Meetup Organizer from many countries.

WordPress Meetup Thimphu is an easygoing, volunteer-organized, non-profit meetup covering everything related to WordPress and keeping our Bhutanese Gross National Happiness four pillars in mind with aims to preserve and promote our unique culture and national language. WordPress Meetup implies for individuals and all people who love WordPress and want to contribute and share their knowledge and have experience in meeting new faces and for networking. Ugyen’s Specific focus on encouraging local and international language WordPress bloggers and help startup companies to grow their assets with WordPress and share what he has learned from WordPress with his Bhutanese WordPress community.

Ugyen’s First WordPress Meetup Thimphu was a huge success within his community coinciding with WordPress Main event WordPress Translation Day 4.  Ugyen would take a more vital role in preserving his national language by making use of WordPress actively by our Dzongkha bloggers, online Dzongkha news, government websites so that Bhutanese WordPress core contributors could hand over to our next generation very proudly.

What we have achieved :

  1. Done WordPress Core Translation for our locale Dzongkha.
  2. New Translation Contributor for our WordPress Core Translation for Dzongkha.
  3. Participated in Global WordPress Translation Day 4 Livestream.
  4. Invited WordPress Experts from other countries to http://wpbhutan.slack.com.
  5. Invited WordPress Meetup Thimphu members to http://wpbhutan.slack.com to discuss more on WordPress related topics and for helpline on WordPress for Bhutanese WordPress users and wordpress.org login for new users.
  6. Speaker of the event Tenzin Namgyel Senior ICT officer from DDC WordPress Local Manager and General Translation Editor for our locale Dzongkha.
  7. Good meal and tea with great place to host at Ariya Hotel
  8. Introduction of a member for networking.
  9. Became a part of Global WordPress Translation Day 4 team.
  10. Event Sponsored by ServMask Inc and Helped by Dzongkha Development Commission with Language Experts.

WordPress Future Road Plans

“The best preparation for tomorrow is to do today’s work superbly well” so that we can put all our effort, then we’ll see a very good result and success will surely be yours. No men can hope to have a very successful life but there will be one or two in exception in this earthly world in thousand cases of this matter which results strong determination can help to attain success. Therefore with Ugyen’s determination here are some of his road plans for WordPress.

For WordPress Meetup: Ugyen’s next plan is to visit the language universities and teach them to blog in Dzongkha using WordPress. He said, “ We have plans to gather a group of active Bhutanese WordPress Bloggers and host panel talks to extend the beauty of Bhutan and unique culture of Bhutan to outside nations. And also one of the WordPress Main Events: Introduction to Open Source is in a process to be host soon. His Majesty the fourth King of Bhutan once said, “the future of our nation lies in the hands of our children.” Therefore Ugyen works to focus more on youth to enhance their WordPress Skills.

For WordCamp: WordCamp Thimphu is my goal – to reach and invite more WordPress Experts as speakers of the main event and support Bhutanese to grow their career with WordPress. WordCamp Asia is in the process to kick start in 2020 and become one of the WordCamp Co-organizer among 41 WordCamp Asia Co-Organizers.

To WordPress lovers – “If you want to be successful the ball is in your court, you think to throw a ball outside or smash the ball or play the game nicely and win the game’’

ཚིག་གསར་དཔེ་སྐྲུན་ལས་ཁང་ལུ་རྒྱབ་སྐྱོར་གྱི་དོན་ལུ་ ཨོ་རྒྱན་གྱི་ལམ་ཡིག

ཨོ་རྒྱན་རྡོ་རྗེ་གི་སྐྱེ་སའི་ཕ་ཡུལ་ནི་འབྲུག་རྒྱལ་ཁབབ་ཨིན། འབྲུག་རྒྱལ་ཁབ་འདི་ཁྱིམ་ཚང་རྒྱལ་ཁབ་ རྒྱ་དང་བོད་ཀྱི་བར་ན་ ཕྱི་ཡི་ལྕགས་རི་མཚུངས་པའི་ གང་རི་ཚུ་གི་བསྐོར་ཏེ་ ཡོདཔ་ཨིན། ཨོ་རྒྱན་གྱི་ ལཱ་འབད་ས་འདི་ ServMask Inc ནང་འབད་དོ་ཨིནམ་ད་ ཁོ་གི་ལཱ་འགན་ངོ་མ་འདི་ WordPress གི་ས་གནས་གཞན་ཁར་སྤོ་འགྱོ་ནིའི་ལས་རིམ་ཚུ་ པུས་ཚད་སྒྲིང་སྒྲིང་བཟོ་ནི་ལུ་ ཡིད་ཆེས་བསྐྱེད་བཅུག་ནི་འདི་ཨིན།

ཁོ་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་ལུ་ཡང་ སྙིང་ཐག་པའི་གཏིང་ལས་ ཡིད་ཆེས་ཡོད་མི་ཅིག་ཨིན་པའི་ཆ་གནས་ལས་ ཁོ་གིས་ལཱ་འབད་ཐངས་ཡང་ ཚིག་གསར་དཔེ་སྐྲུན་ལས་ཁང་གི་ སྐད་སྒྱུར་ལས་འཆར་གྱི་ འཛིན་སྐྱོང་འཐབ་ནི་འདི་ཨིན་མས། འདི་མ་ཚད་ ཁོ་གི་ WordPress གི་དོན་ལུ་ སྐད་ཡིག་སྣ་མང་གི་ རྒྱབ་སྐྱོར་ཚུ་འབད་དོ་ཡོདཔ་མ་ཚད་ ད་ཚུན་གྱི་རིང་  All-in-One WP Migration plugin འདི་སྐད་ཡིག་མ་འདྲཝ་༤༢་༢དེ་ཅིག་ནང་ སྐད་སྒྱུར་འབད་དེ་ཡོདཔ་ཨིན།

ཨོ་རྒྱན་གྱི་ཚིག་གསར་དཔར་སྐྲུན་ལས་ཁང་དང་མཉམ་གཡོག་གི་མདུན་ལས་ག་དེ་སྦེ་འགོ་བཙུགས་ཡི་ག་གི་སྐོར།

ང་བཅས་རའི་མི་ཚེ་གི་ལམ་འདི་ གདོང་ལེན་དྲག་པོ་ཅིག་ཨིན། མི་ཚེ་འདི་ནང་ལཱ་དང་བྱ་བ་ག་ཅི་ར་འབད་རུང་ མཐར་འཁྱོལ་ནི་དང་འཐུས་ཤོར་ནི་འདི་ རང་བཞིན་ཅིག་ཨིན། ཨིན་རུང་མི་མང་ཤོས་ཅིག་གི་ར་ ལཱ་འདི་རང་གི་མནོ་བཞིན་བསམ་བཞིན་འགྱོ་མ་བཏུབ་པའི་བསྒང་ལས་ བློ་ཕམ་སི་སི་སྦེ་ ཚར་ཅིག་གུ་མནོ་བསམ་ག་ནི་ཡང་མ་གཏང་པར་ གདོང་ལེན་ཅན་གྱི་མི་ཚེ་འདི་ལུ་ གདོང་ལེན་འབད་མ་ཚུགས་པར་ རྒྱབ་ཤུད་རྐྱབ་སྡོདཔ་མས། རང་གི་མི་ཚེ་ནང་ཚགས་ཁ་མ་ཚུད་པའི་འཐུས་ཤོར་འབྱུང་རུང་ འདི་ལས་ཡོན་ཏན་ལེན་སྟེ་ མི་ཚེ་འདི་ནང་མཐར་འཁྱོལ་ནི་ལུ་གཙོ་བོ་བཏོན་ནི་བཀོ་མ་བཞག་པར་ འཕྲོ་མཐུད་དེ་ར་བརྩོན་འགྲུས་བསྐྱེད་དེ་ལཱ་འབད་མི་ མི་འདི་གིས་ མི་ཚེ་ནང་འབྲས་བུ་ལེགས་ཤོམ་འབག་ནི་ཡོདཔ་ཨིན། མཁས་དབང་ཨིལ་ཀར་ཊྲན་གྱི་ཡང་ མི་ཚེ་ནང་མཐར་མཁྱོལ་ནི་དོན་ལུ་གསང་བ་ངོ་མ་འདི་ར་ འཐུས་ཤོར་བའི་གནད་དོན་འདི་ལུ་རྫུན་ཁ་བཀལ་ཤེས་ནི་འདི་ཨིན་ ཟེར་གསུངས་ནུག དེ་བཟུམ་སྦེ་ར་ ཨོ་རྒྱན་ཡང་ཧེ་མ་ དབྱིན་ལོ་༢༠༡༦་ལུ་ཁོ་རའི་ལཱ་འབད་སའི་ ཀལཝཏ་ཚོང་སྡེ་འདི་དངུལ་འབྲེལ་གྱི་དཀའ་ངལ་ཅིག་འཐོན་སྟེ་ སྒོ་བསྡམ་པའི་ཤུལ་ལུ་ ཁོ་ཡང་ལཱ་གཡོག་གསརཔ་ཅིག་ནང་འཛུལ་ཞུགས་འབད་ནིའི་དོན་ལུ་ གཡོག་གི་ས་གོ་ཅིག་འཚོལ་སྟེ་ར་སྡོད་པའི་ཤུལ་ལུ་ ཉིནམ་ཅིག་འབདཝ་ད་ ཚིག་གསར་དཔེར་སྐྲུན་ལས་ཁང་དང་མཉམ་ གཡོག་གི་དོན་ལུ་དྲི་བ་དྲི་ལན་འབད་ནིའི་གོ་སྐབས་ཅིག་ཐོབ་ནུག རེ་འདོད་ཅན་གྱི་ཉིནམ་འདི་ལས་འགོ་བཟུང་ ཁོགི་སེམས་ཁར་ ཁོ་རའི་མི་ཚེ་འཚོ་ཐབས་ཀྱི་དོན་ལུ་ ཡུན་དུ་གནས་པའི་འོང་འབབ་ཀྱི་གཞི་གཙོ་བོ་འདི་ ཚིག་གསར་དཔར་སྐྲུན་ལས་ཁང་ར་ཨིན་ཟེར་མནོ་ནུག ཟླཝ་དག་པ་ཅིག་གི་ཤུལ་ལས་ འཛམ་གླིང་ནང་གཞན་དང་མ་འདྲ་བའི་ལས་འགུལ་ ‘ག་ར་མཉམ་གཅིག་འཛོམས་ཚུགས་པའི་ ཚིག་གསར་དཔར་སྐྲུན་ལས་ཁང་གི་ ས་གནས་སྤོ་བ་’ ཟེར་མི་གསར་བཟོ་ཚོང་སྡེ་ནང་ལས་ ServMask གིས་འགྲུལ་འཕྲིན་ལྷོད་དེ་ ཁོ་བཙག་འཐུ་བསྒྲུབ་པའི་གནས་ཚུལ་གོཝ་ད་ ཁོ་གིས་ཁོ་རའི་རེ་བ་བསྐྱེད་མི་ རེ་འདོད་འདི་དངོས་སུ་སྦེ་འགྲུབ་པའི་དགའ་བ་ཚད་མེདཔ་སྦེ་འབྱུང་ནུག འདི་འབདཝ་ལས་བརྟེན་ ད་རིས་ཨོ་རྒྱན་ཡང་ ཚིག་གསར་དཔེར་སྐྲུན་ལས་ཁང་གི་དོན་ལུ་ འཇོན་ཐངས་ཅན་གྱི་ལས་གཡོགཔ་ཅིག་ཨིན་མས།

ལྟ་བ་མཐུན་པའི་གནས་ཚུལ་སྡེ་ཚན་ནང་ཨོ་རྒྱན་གྱི་ཉམས་མྱོང་འགོ་དང་པ།

ལྟ་བ་མཐུན་པའི་གནས་ཚུལ་སྡེ་ཚན་འདི་ plugin དང་བརྗོད་དོན་གསར་བཟོ་མཛད་མི་ཚུ་ WordPress ལག་ལེན་འཐབ་མི་དང་་ཡོངས་འབྲེལ་ཁ་རྒྱང་གསར་བཟོ་འབད་མི་ཚུ་གི་ གནས་ཚད་ནང་ལྷོད་ཚུགས་ནི་དོན་ལུ་ཡིད་ཆེས་བཏུབ་པའི་ ཐད་དམིགས་བཟུམ་ཅིག་ཨིན་མས། WordPress གི་སྐོར་ལས་གནས་ཚུལ་དང་གསུང་བཤད་གནམ་མེད་ས་མེད་ལེགས་ཤོམ་ གོ་ཡོདཔ་ལས་ ཚོང་སྡེ་འདི་མིང་གཏམ་ཅན་ཅིག་ཨིན་པའི་ ཚོར་སྣང་དང་དགའ་བ་འབྱུང་ཡི། འདི་མ་ཚད་ ཁོང་མི་རིགས་ལེ་ཤ་གཅིག་ཁར་ཚོགས་སྟེ་ ཞལ་འཛོམས་གནང་ནིའི་སྲོལ་ཡོད་མི་འདི་ ལྷག་པར་དུ་ ཁོང་གློག་རིག་འགོ་དཔོན། བརྗོད་དོན་རྩོམ་སྒྲིག་པ་དང་གསར་བཟོ་པ་ཚུ་གི་དོན་ལུ་ ཁོང་རའི་རིག་རྩལ་དང་ལྕོགས་གྲུབ་དཔེ་སྟོན་འབད་ནིའི་དོན་ལུ་ རེ་འདོད་ཅན་གྱི་དུས་ཚོད་ལེགས་ཤོམ་ཅིག་འབད་མཇལ་ཡི།

འཛམ་གླིང་ལྟ་བ་མཐུན་པའི་སྡེ་ཚན་ བེང་ཀོག ༢༠༡༨་འདི་ ཨོ་རྒྱན་དང་ ServMask གི་དོན་ལུ་ ཉིནམ་ཁག་ཆེ་ཏོག་ཏོ་ཅིག་ཨིན། འདི་ཡང་ཉིནམ་འདི་ཁར་ དུས་སྟོན་འདི་གི་དངུལ་གྱི་རྒྱབ་སྐྱོར་པ་གིས་ ཁོང་ཚུ་ལུ་སྤུ་འགྱིར་དྲག་ཡོད་པའི་ WordPress སྤྱོད་མི་ཚུ་དང་འབྲེལ་བ་འཐབ་སྟེ་ WordPress Plugin གི་སྤུས་ཚོད་ཧེང་སྐལ་ཡར་དྲག་འགྱོ་ནིའི་དོན་ལུ་ ཁོང་རའི་ངལ་རངས་གསལ་སྟོན་འབད་ནིའི་གོ་སྐབས་གནང་ཡོདཔ་ལས་བརྟེན་ཏེ་ཨིན་མས།

རྒྱབ་སྐྱོར་པའི་ཉིནམ།

WordCamp གི་ཉིནམ་དང་པ་འདི་ རྒྱབ་སྐྱོར་པའི་ཉིནམ་སྦེ་བརྩིཝ་ཨིན། ཉིནམ་འདི་ཁར་ཨོ་རྒྱན་གྱི་ མི་སྡེའི་སྡེ་ཚན་ཚུ་དང་འབྲེལ་བ་འཐབ་སྟེ་ ཕྱོགས་བཞི་མཚམས་བརྒྱད་ལས་འོང་མི་ WordPress གི་སྡེ་ཚན་ཚུ་དང་མཉམ་ ཁོ་རའི་བསམ་འཆར་བརྗེ་སོར་འབད་ནིའི་གོ་སྐབས་བཟང་པོ་ཡང་ཐོབ་ནུག མི་སྡེ་བརྡ་སྤྲོད་ཀྱི་ WordCamp དང WordPress གི་ཞལ་འཛོམས་འདི་ ཨོ་རྒྱན་གྱི་དོན་ལུ་ WordPress གི་ལཱ་ག་དེ་སྦེ་འབདཝ་ཨིན་ན་དང་ འདི་ག་དེ་སྦེ་ལག་ལེན་འཐབ་ནི་ཨིན་ན་ཚུའི་སྐོར་ གཞན་ལུ་བཤད་ནི་གོ་སྐབས་ཁྲིལ་བུ་སྤྲོད་མི་ ལམ་སྟོན་ཅིག་མས། དེ་གིས་སྦེ་ ཁོ་གི་ད་ལས་ཕར་གསལ་བཤད་པ་ག་དེ་མང་མང་དང་ WordPress གི་འཐུས་མི་ཚུ་ ཁོང་རའི་ཉམས་མྱོང་དང་ལྕོགས་གྲུབ་ཡར་དྲག་བཏང་ནིའི་སེམས་ཤུགས་ག་དེ་དྲག་དྲག་བསྐྱེད་བཅག་ནི་ཟེར་ སླབ་ཡོདཔ་མ་ཚད་ ཁོ་གི་འགོ་འདྲེན་པ་གསརཔ་ཚུ་ལུ་ཡང་ WordPress མི་སྡེ་འདི་དར་ཁྱབ་མ་འགྱོ་བའི་ས་གོ་ནང་ལས་ཕར་ ངོ་སྤྲོད་འབད་དེ་ ལག་ལེན་འཐབ་བཅུག་ནིའི་དོན་ལུ་ འཕྲོ་མཐུད་དེ་ར་ རྒྱབ་སྐྱོར་དང་གྲོགས་རམ་འབད་ནི་ཨིན་མས།

གྲོས་ཚོགས་ཀྱིས་ཉིནམ།

གྲོས་ཚོགས་ཀྱི་ཉིནམ་འདི་ WordCamp གི་ལས་རིམ་གཙོ་བོ་ཅིག་ཨིན། དེཡང་ཉིནམ་གཉིས་པའམ་འདི་ནང་ འགོ་འདྲེན་འཐབ་ཨིན། འདི་གི་སྐབས་ ཨོ་རྒྱན་གྱིས་ མི་ཚུ་གི་ དྲན་ཐེ་བཞག་ནིའི་དོན་ལས་ པར་བཏབ་ནི་གིས་ ལཱ་འགན་འདི་འབགཔ་ཨིན། ངེའི་སེམས་ཁར་ལས་འབད་བ་ཅིན་ འདི་བཟུམ་མའི་ གནས་སྐབས་འདི་ WordCamp གི་ལས་རོགསཔ་ གསལ་བཤདཔ་དང་ འགོ་འདྲེན་པ་ཚུ་གིས་ དྲན་ཐོ་བཞག་ནི་དོན་ལུ་ གནམ་མེད་ས་མེད་ལེགས་ཤོམ་ཅིག་ ཨིན་པས་ཟེར་མནོཝ་མས། མི་རིགས་ལུ་ཕན་ཐོགས་པའི་ཞབས་ཏོག་འདི་ཁྱད་དུ་འཕགསཔ་ཨིན། ང་བཅས་འགྲོ་བ་མི་ལུ་ ཕན་ཐོགས་པའི་ལཱ་འབད་མི་འདི་ ཞབས་ཏོག་ཚུ་གི་གྲས་ལས་ དྲག་ཤོས་ཅིག་ཨིན།

ཨྱོན་འདི་ WordPress Meetup ཐིམ་ཕུག་གི་འགོ་འདྲེན་པ་ག་དེ་སྦེ་འབད་ཡོདཔ་ཨིན་ན།

འདི་ཡང་ ཨྱོན་ཁོ་རང་ སྤྱི་ལོ་༢༠༡༦ སྤྱི་ཟླ་༡༠པའི་ ནང་ WordPress Meetup Bangkok དང་ WordCamp Bangkok ༢༠༡༨ ཀྱི་ནང་ལས་ WordPressགི་སྐོར་ལས་ཧ་གོ་བའི་ཤུལ་ འབྲུག་རྒྱལ་ཁབ་ནང་ལུ་ཡང་ གཞི་བཙུགས་འབད་དགོཔ་ཁག་ཆེ་བའི་སྐོར་ལས་ ཤེས་ཡོདཔ་ཨིན་མས།

འདི་ཡང་ སྤྱི་ལོ་༢༠༡༧ སྤྱི་ཟླ་༩པའི་ སྤྱི་ཚེས་༣ རྒྱལ་སྤྱི་ WordPress སྐད་བསྒྱུར་གྱི་ཉིནམ་གྱི་སྐབས་ལུ་ WordPress Meetup Bangkok ལུ་ རྫོང་ཁ་འདི་ WordPress Core Translation ནང་ རྫོང་ཁ་འདི་ གཞན་མི་སྐད་ཡིག་དང་ཕྱདཔ་དང་ དམའ་ཤོས་ཅིག་སྦེ་ཡོདཔ་མཐོང་ཡོདཔ་ཨིན་མས།

དེའི་ཤུལ་ལས་ WordCamp Bangkok ༢༠༡༨ རྒྱབ་སྐྱོར་པའི་ཉིནམ་གྱི་སྐབས་ལུ་ WordPress གི་མཉམ་རོགས་དང་ WordPress གི་མི་སྡེ་ དེ་ལས་ རྒྱལ་ཁབ་གཞན་ཁའི་ Meetup འགོ་འདྲེན་པ་ཚུ་དང་ཕྱད་ཡོདཔ་ཨིན་མས།

WordPress Meetup ཐིམ་ཕུག་འདི་ ཁེབ་ས་མེད་པར་ ཁས་བླངས་ཀྱི་ཐོག་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ཀ་ཆེན་སེམས་ཁར་བཞག་སྟེ་ ལམ་སྲོལ་དང་ རྒྱལ་ཡོངས་སྐད་ཡིག་ མི་ཉམས་རྒྱུན་སྐྱོང་འབད་ནི་ལུ་དམིགས་གཏད་བསྐྱེདཔ་ཨིན།

WordPress Meetup འདི་ མི་ངོམ་རང་རྐྱང་དང་ WordPress ལུ་དགའ་མི་ དེ་ལས་ རང་སོའི་ཡོན་ཏན་ བརྗེ་སོར་འབད་ནི་དང་ མི་གསརཔ་འཕྱེད་དེ་ མཐུན་ལམ་བཟོ་ནི་ལུ་ཕན་ཐོག་ཡོདཔ་ཨིན།

ཨྱོན་གྱིས་ ནང་འཁོད་དང་ རྒྱལ་སྤྱིའི་སྐད་ཡིག་གི་ཐོག་ལུ་ WordPress ནང་བྲི་མི་ཚུ་ལུ་གཙོ་བོ་སྟོན་ཏེ་ ལས་སྡེ་ཚུ་ ཡང་རྒྱས་གཏང་ནི་རྒྱབ་སྐྱོར་འབདཝ་མ་ཚད་ WordPress ནང་ལས་ག་ཅིག་རང་ལྷབ་ཅི་ག་ འབྲུག་པའི་མི་སྡེ་ཚུ་ལུ་ བརྗེ་སོར་འབདཝ་ཨིན།

WordPress གི་དུས་སྟོན་གྱི་ལས་རིམ་ WordPress སྐད་བསྒྱུར་གྱི་ཉིནམ་༤པ་དང་འབྲེལ་ ཨྱོན་གྱི་ WordPress Meetup Thimphu ཐེངས་དང་པའམ་འདི་ མཐར་འཁྱོལ་ཅན་སོང་ཡོདཔ་ཨིན།

ཨྱོན་གྱི་རྒྱལ་ཡོངས་སྐད་ཡིག་གོང་འཕེལ་གཏང་ཐབས་ལུ་ WordPress འདི་ རྫོང་ཁ་ནང་བྲི་མི་དང་ ཡོངས་འབྲེལ་གྱི་ཐོག་ལས་ རྫོང་ཁའི་གནས་ཚུལ་ དེ་ལས་ གཞུང་གི་ཡོངས་འབྲེལ་ཚུ་ནང་ ལག་ལེན་འཐབ་སྟེ་ འབྲུག་པའི་ WordPress འདི་ མ་འོང་བུ་བརྒྱུད་ཚུ་ལུ་སྤྲོད་ནིའི་ འགན་ཁུར་གཙོ་བོ་ཅིག་འབག་སྟེ་ཡོདཔ་ཨིན།

གྲུབ་འབྲས།:

རྫོང་ཁའི་ WordPress Core སྐད་བསྒྱུར་འབད་ཚར་ཏེ་ཡོདཔ།

WordPress Core སྐད་བསྒྱུར་གྱི་དོན་ལུ་ སྐ་བསྒྱུར་གསརཔ་གི་ཕན་འདེབས་འབད་ནི།

Global WordPress སྐད་བསྒྱུར་ཉིནམ་༤པའི་ དངོས་མཐོང་ https://wptranslationday.org/ ནང་བཅའ་མར་  གཏོགས་ཡོདཔ།

ཕྱི་རྒྱལ་ཁབ་ངགཞན་མིའི་ wordpress མཁས་མཆོག་ཚུ་ http://wpbhutan.slack.com. ནང་གདན་འདྲེན་ཞུ་ཡོདཔ།

WordPress Meetup ཐིམ་ཕུག་གི་འཐུས་མི་ཚུ་ WordPress དང་འབྲེལ་བའི་དོན་ཚན་ཐོག་ལུ་གྲོས་བསྡུར་འབད་ནིའི་དང་ འབྲུག་པའི་ WordPress ལག་ལེན་འཐབ་མི་ཚུ་དང་ wordpress.org ནང་འཐུས་མི་གསརཔ་ཚུ་ འཛུལ་ཞུགས་འབད་ནིའི་ནང་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ http://wpbhutan.slack.com ནང་ གདན་འདྲེན་ཞུ་ཡོདཔ།

དེ་ནང་སྐུ་མགྲོན་སྦེ་ རྫོང་ཁག་གོང་འཕེལ་ལྷན་ཚོགས་ཀྱི་བརྡ་དོན་དང་འཕྲུལ་རིག་འགོ་དཔོན་གོངམ་ བསྟན་འཛིན་རྣམ་རྒྱལ་འབྱོན་ཡདོཔ་ཨིན།

ལས་རིམ་འགོ་འདྲེན་འཐབ་སའི་ས་ཁོངས་འདི་  བཟེས་སྒོ་ཡང་ལེགས་ལོམ་འཐོབ་ས་ Ariya Hotel ནང་ཨིན།

མཐུན་ལམ་བཟོ་ནིའི་དོན་ལུ་ འཐུས་མི་ངོ་སྤྲོད་འབད་ནི།

Global WordPress སྐད་བསྒྱུར་ཉིནམ་༤པའི་ སྡེ་ཚན་གྱི་གྲངས་སུ་འཛུལ་ནི།

༡༠ ལས་རིམ་འདི་ ServMask Inc གི་གྲོགས་རམ་དང་ རྫོང་ཁག་གོང་འཕེལ་ལྷན་ཚོགས་ཀྱི་ སྐད་ཡིག་མཁས་མཆོག་ཚུ་གིས་རྒྱབ་སྐྱོར་འབད་ཡོདཔ།

WordPress གི་མ་འོངས་པའི་འཆར་གཞི།

ལཱ་དང་བྱ་བ་ག་ཅི་རང་འབད་རུང་ གྲུབ་འབྲས་ལེགས་ཤོམ་འོང་དགོ་པ་ཅིན་ ད་ལྟོ་ལས་རང་ རྩ་འགེངས་ཏེ་ ལེགས་ཤོམ་སྦེ་འབད་དགོཔ་ཨིན།

ལཱ་ག་ཅིག་རང་འབད་རུང་ སྐལ་བ་ཅན་གྱི་མ་གཏོགས་རེ་བ་ཅན་གྱི་མི་འཐོབ་ཟེར་དོ་བཟུམ་ སྐལ་བ་ཡོད་པའི་ཁར་ ལཱ་ཚུ་ བརྩོན་འགྲུས་བསྐྱེད་དེ་འབད་བ་ཅིན་ ལཱ་ག་ཅི་རང་འབད་རུང་མཐར་མ་ཕྱིན་པའི་དཔེ་མི་སྲིད། དེ་འབདཝ་ལས་ ཨྱོན་གྱི་ བརྩོན་འགྲུས་དང་བསྟུན་ཁོང་གི་མ་འོངས་པའི་ Word Press གི་འཆར་གཞི་ཚུ་འོག་ལུ་འཁོད་དེ་ཡོདཔ་ཨིན།

དེ་ཡང་ ཨྱོན་གྱི་ སྐད་ཡིག་གི་མཐོ་རིམ་སློབ་གྲྭ་དང་གཙུག་སྡེ་ཚུ་ནང་འགྱོ་སྟེ་ WordPress ལག་ལེན་འཐབ་ཐོག་ལས་ རྫོང་ཁའི ནང་བྲི་ཐངས་ཀྱི་སྐོར་ལས་སྟོན་བྱིན་ནི་ཨིན།

དེ་མ་ཚད་ འབྲུག་པའི་ WordPressལག་ལེན་འཐབ་མི་ཚུ་འཛོམས་ཏེ་ འབུག་པའི་ལམ་སྲོལ་དང་ མཛེས་ཆའི་སྐོར་ལས་ གཞན་མི་རྒྱལ་ཁབ་ནང་ གསལ་སྟོན་འབད་ནིའི་དོན་ལུ་ གྲོས་བསྡུར་གོ་འདྲེན་འཐབ་ནི་དང་ WordPress གི་ལས་རིམ་གཙོ་ཅན་ཅིག་ཨིན་མི་ Introduction to Open Source ཟེར་མི་འདི་ འགོ་འདྲེན་འཐབ་ནིའི་ལཱ་འབད་བའི་བསྒང་རང་ཡོདཔ་ཨིན།

དེ་ལས་ འབྲུག་མི་ཚུ་ WordPress ལག་ལེན་འཐབ་ནིའི་ནང་རྒྱབ་སྐྱར་འབད་དེ་ ཡར་རྒྱས་གཏང་ཞིནམ་ལས་ མི་ཚེ་སྐྱོང་ཚུགས་ནིའི་དོན་ལུ་ WordPress གི་མཁས་མཆོག་ཚུ་གདན་འདྲེན་ཞུ་སྟེ་ Wordcamp གི་དོན་ལུ་ Wordcamp ཐིམ་ཕུག་འགོ་འདྲེན་འཐབ་ནི་ཨིན།

WordCamp Asia འདི་ཡང་ སྤྱི་ལོ་༢༠༢༠ལུ་འགོ་འདྲེན་འཐབ་ནི་ཨིནམ་ལས་ WordCamp Asia ནང་ལས་ འགོ་འདྲེན་པ་༤༡ཡོད་པའི་གྲལ་ཁར་ཚུད་དེ་ཡོདཔ་ཨིན།

མཇུག་རང་ ཁྱོད་ར་ཚུ་ WordPress ལུ་དགའ་མི་ཅིག་ཨིན་པ་ཅིན་ ད་ལྟོ་ རང་ལུ་ རང་དབང་ཡོདཔ་་ལས་ རང་སོའི་མི་ཚེ་མཐར་འཁྱོལ་ཅན་བཟོ་ནིའི་གོ་སྐབས་ཡོདཔ་ཨིན།

5 comments

Leave a Reply

Your email address will not be published. Required fields are marked *

This site uses Akismet to reduce spam. Learn how your comment data is processed.